བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་ནས་ཉེ་བའི་ལོ་དྲུག་ནང་བཀས་བཅད་གནང་བའི་ཐ་སྙད་སུམ་སྟོང་ལྷག་ཙམ་དང་རང་ཉིད་ཀྱིས་བོད་ཀྱི་གཏམ་དཔེ་རྒྱ་ཡིག་ཏུ་བསྒྱུར་བ་སུམ་རྒྱ་ཐམ་པའི་རྒྱ་བོད་གློག་རྡུལ་ཚིག་མཛོད་ཆུང་ངུ་འདི་ནི་ཆེད་བོད་ཁུལ་གྱི་ལོ་ཙྰ་བ་རྣམས་ལ་དམིགས་ནས་བཟོས་པ་ཞིག་ཡིན། ལྷག་པར་དུ་ཐ་སྙད་ཀྱི་བསྡུ་སྒྲིག་ཐད་རང་ཉིད་ཀྱི་༢༠༡༦ལོའི་རྒྱ་བོད་ལོ་ཙྰའི་འཕྲིན་ཕྲན་འཛིན་གྲྭའི་སློབ་མ་ཚེ་དབང་དཔལ་འབྱོར་དང་ཚེ་རིང་དོན་གྲུབ་གཉིས་ཀྱིས་ཆེས་ཐོག་མའི་རོགས་རམ་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་དང་དེ་བཞིན་ཚིག་མཛོད་འདི་བཟོ་བའི་བརྒྱུད་རིམ་ཁྲོད་ཆ་འཕྲིན་ལག་རྩལ་ཐད་རྒྱ་རིགས་བློ་མཐུན་སུན་ཡྰ་ཏུང་གིས་སྔ་ཕྱི་བར་གསུམ་དུ་རོགས་སྐྱོར་དང་དགོས་ངེས་ཀྱི་ཆ་འཕྲིན་ལག་རྩལ་མང་དུ་བསླབས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཚིག་མཛོད་འདིར་རྗེས་སུ་མུ་མཐུད་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་ནས་བཀས་བཅད་བྱས་ཟིན་པའི་ཐ་སྙད་རྣམས་བཀོད་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཚིག་མཛོད་འདི་ཕུན་སུམ་ཇེ་ཚོགས་དང་འཐུས་སྒོ་ཚང་རུ་བཏང་རྒྱུ་ཡིན། ད་ཐེངས་རྒྱ་བོད་གློག་རྡུལ་ཚིག་མཛོད་ཆུང་ངུ་དེ་མི་སྒེེར་གྱི་ལས་ཞོར་དུ་བསྒྲིགས་པ་ཞིག་ཡིན་པས་དེར་བརྟེན་ཕྱོགས་གང་ཅའི་ཐད་ལ་ནོར་འཁྲུལ་དང་མི་འདང་བའི་ཆ་མང་པོ་ཡོད་སྲིད་རེ་བར་རྒྱ་ཆེའི་ཡིག་བསྒྱུར་ལས་རིགས་ལ་དགའ་ཞེན་ཆེ་བ་རྣམས་ཀྱི་རྩ་ཆེའི་དགོང་འཆར་གང་མང་ཡོད་པ་མཁྱེན་ལ་ཞོར་དུ་གློག་རྡུལ་ཚིག་མཛོད་དེའི་ནང་མེད་པའི་བཀས་བཅད་ཟིན་པའི་ཐ་སྙད་ཡོད་ཚེ་ང་ཚོར་འབྲེལ་བ་བྱས་ཏེ་འབྲེལ་ཡོད་ཡིག་སྒམ་ནང་གང་མང་བསྐུར་རྒྱུའི་རེ་བ་ཤིན་ཏུ་ཆེའོ།།